100字范文,内容丰富有趣,生活中的好帮手!
100字范文 > 【藏文简报】知钦乡召开“不忘初心 牢记使命”主题教育动员部署会

【藏文简报】知钦乡召开“不忘初心 牢记使命”主题教育动员部署会

时间:2023-05-18 10:53:11

相关推荐

【藏文简报】知钦乡召开“不忘初心 牢记使命”主题教育动员部署会

གྲུབ་ཆེན་ཡུལ་ཤོག་གིས་“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཛིན”ཞེས་པའི་བརྗོད་དོན་སློབ་གསོའི་སྐུལ་སློང་ཚོགས་འདུ་བསྡུས།

སྤྱི་ཟླ་༩བའི་ཚེས་༢༣ཉིན་གྲུབ་ཆེན་ཡུལ་ཤོག་གིས་“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཛིན”ཞེས་པའི་བརྗོད་དོན་སློབ་གསོའི་སྐུལ་སློང་ཚོགས་འདུ་བསྡུས། པདྨ་རྫོང་སྲིད་ཁྲིམས་བསྐོས་ལྷན་དང་ནོར་སྲིད་ཅུས་ཀྱི་འགན་འཁུར་མི་སྣ། ཡུལ་ཤོག་སྲིད་གཞུང་གི་མགོ་ཁྲིད་དང་ཏང་ཡོན། སྡེ་བའི་ཨུ་གཉིས་དང་སྡེ་བ་སོ་སོའི་ཏང་ཡོན་སོགས་ཁྱོན་མི་༨༠ལྷག་འདུག ཡུལ་ཤོག་སྲིད་གཞུང་གི་སྲིད་གཙོ་ཚེ་རིང་རྡོ་རྗེ་ལགས་ཀྱིས་ཚོགས་འདུ་མདོ་འཛིན་མཛད།

ཚོགས་འདུའི་སྟེང་དུ་ཐོག་མར་བློ་མཐུན་ཚེ་རིང་རྡོ་རྗེས་ཀྲུང་དབྱང་དང་ཞིང་ཆེན་ཏང་བསྐོས་ཀྱི་"ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཛིན"ཞེས་པའི་བརྗོད་དོན་སློབ་གསོ་སྐོར་ཐེངས་དང་པོ་དང་སྐོར་ཐེངས་གཉིས་པའི་བཀོད་སྒྲིག་ཚོགས་འདུ་དང་ཁུལ་བསྐོས་ཀྱི་"ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཛིན"ཞེས་པའི་བརྗོད་དོན་སློབ་གསོའི་ལས་དོན་གྱི་ཚོགས་འདུའི་དགོངས་དོན། རྫོང་བསྐོས་ཀྱི་"ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཛིན"ཞེས་པའི་བརྗོད་དོན་སློབ་གསོའི་སྐུལ་སློང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས།

ཚོགས་འདུའི་སྟེང་དུ་བློ་མཐུན་གསལ་སྟོང་གིས་ཀྲུང་གུང་གྲུབ་ཆེན་ཡུལ་ཤོག་"ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཛིན"ཞེས་པའི་བརྗོད་དོན་སློབ་གསོའི་བྱ་བའི་ཇུས་གཞི་སྒྲོག་འདོན་བྱས་པ་དང་ཇུས་གཞིའི་ནང་དོན་གསལ་བཤད་བྱས། པདྨ་རྫོང་སྲིད་ཁྲིམས་བསྐོས་ལྷན་གྱི་ཧྲུའུ་ཅི་གཞོན་པ་རྡོ་རྗེ་དབང་ལྡན་གྱིས་མཛུབ་སྟོན་གཏམ་བཤད་གནང་། ཁོང་གིས་རང་རེའི་ཡུལ་ཤོག་གི་བརྗོད་དོན་སློབ་གསོའི་ལས་འགན་དོན་འཁྱོལ་ཡག་པོ་བྱ་རྒྱུའི་ཐད་ལ་ཆབ་སྲིད་ལངས་ཕྱོགས་མཐོ་རུ་གཏོང་བ་དང་སློབ་སྦྱོང་སློབ་གསོ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ། བྱ་བའི་གནད་མཚམས་རེ་རེ་ནན་ཏན་གྱིས་སྤེལ་བ་སོགས་ཕྱོགས་བཞི་ཡི་ཆ་ནས་ཞིབ་ཕྲའི་བླང་བྱ་བཏོན།

མཇུག་མཐར། བློ་མཐུན་གསལ་སྟོང་གིས་ཡུལ་ཤོག་དང་སྡེ་བ་རིམ་པའི་"ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཛིན"ཞེས་པའི་བརྗོད་དོན་སློབ་གསོ་དོན་འཁྱོལ་ཡག་པོ་བྱེད་པར་ཕྱོགས་བསྡོམས་རང་བཞིན་གྱི་གཏམ་བཤད་གནང་ལ། གཅིག་ནི་ཡུལ་ཤོག་དང་སྡེ་བ་རིམ་པས་མ་མཐའ་ཡང་ཉིན་ལྔ་ནས་བདུན་བར་གྱི་"ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཛིན"ཞེས་པའི་བརྗོད་དོན་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་བསྒྲུབ་དགོས་ལ། ལས་བྱེད་པ་དང་ཏང་ཡོན་གྱི་རིག་གནས་ཆུ་ཚད་དང་བསམ་བློའི་གོ་རྟོགས། ཆབ་སྲིད་ལངས་ཕྱོགས། སྤྱིའི་བྱང་ཚད་སོགས་མཐོ་རུ་གཏོང་བ། གཉིས་ནི་བརྗོད་དོན་སློབ་གསོ་དང་གནད་འཁེལ་དབུལ་སྐྱོར། སྐྱེ་ཁམས་སྲུང་སྐྱོང་། ནག་འཇོམས་ངན་སེལ། སྤྱི་ཚོགས་བཅོས་སྐྱོང་སོགས་བྱ་བ་གལ་ཆེན་ཡོད་ཚད་གཅིག་གྱུར་འཆར་འགོད་སྐུལ་འདེད་གཏོང་བ་དང་། ཡུལ་ཤོག་ཡོངས་ཀྱི་སློབ་སྦྱོང་། ལས་དོན། འགན་འཁྲི་སོགས་ཕྱོགས་ཡོངས་ནས་དམ་པོར་འཛིན་པ། གསུམ་ནི་ཐེངས་འདིའི་བརྗོད་དོན་སློབ་གསོ་སྤེལ་བའི་གོ་སྐབས་དང་བསྟུན་ནས་ཏང་ཡོན་དང་ལྷག་པར་དུ་ཏང་ཡོན་མགོ་ཁྲིད་རྣམས་ཀྱིས་རང་ཉིད་ཀྱི་བསམ་བློ་དང་བྱ་བ། སྤྱོད་པ། སློབ་སྦྱོང་། དད་སེམས། ཕུགས་བསམ་སོགས་ཕྱོགས་གང་ཅིའི་ཐད་ནས་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ།ཏང་གི་ཕུལ་བྱུང་སྲོལ་རྒྱུན་དང་སྤྱོད་ཚུལ་སོགས་དང་བསྡུར་ཏེ་ཕྱོགས༡༨ནས་མི་འདང་ས་འཚོལ་བ་དང་། གནད་དོན་ཡང་དག་འཚོལ་བ་དང་།འབྱུང་རྐྱེན་གཏིང་ཟབ་འཚོལ་བ།རྒྱུ་རྐྱེན་གསལ་པོ་འཚོལ་བ་བཅས་བྱས་ཏེ་བསམ་བློ་ཡོ་བསྲང་དང་གནད་དོན་ཐག་གཅོད་ཡང་དག་བྱེད་དགོས། བཞི་ནི་ཏང་ཡོན་ཏང་དུ་ཞུགས་པའི་སེམས་འདུན་གཡོ་འགུལ་མེད་པར་དད་སེམས་བརྟན་པོ་ཡིན་དགོས་པ་དང་། འགན་འཁྲི་ཐེག་པར་བྱེད་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་འོས་འགན་འགྲུབ་པར་བྱེད་དགོས་པ་ནན་གྱིས་བསྟན།

本内容不代表本网观点和政治立场,如有侵犯你的权益请联系我们处理。
网友评论
网友评论仅供其表达个人看法,并不表明网站立场。