100字范文,内容丰富有趣,生活中的好帮手!
100字范文 > 【藏文专版】马可河乡召开“不忘初心 牢记使命”主题教育活动第一次集中学习会

【藏文专版】马可河乡召开“不忘初心 牢记使命”主题教育活动第一次集中学习会

时间:2019-11-02 02:13:16

相关推荐

【藏文专版】马可河乡召开“不忘初心 牢记使命”主题教育活动第一次集中学习会

༄༅༎སྨར་ཁོག་ཞང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་བརྗོད་དོན་སློབ་གསོ་བྱ་འགུལ་གྱི་གཅིག་སྡུད་སློབ་སྦྱོང་གྲོས་ཚོགས་ཐེངས་དང་པོ་བསྡུས།

ཟླ9ཚེས20ཉིན།སྨར་ཁོག་ཞང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་གཅིག་སྡུད་སློབ་སྦྱོང་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་།རང་ཞང་གི་ཏང་ཡོན་ལས་བྱེད་པ་ཡོངས་དང་།སྡེ་བ་སོ་སོའི་ཏང་ཀྲི་པུའུ་ཧྲུའུ་ཅི།སྡེ་དམངས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཁྱོན་མི་50ལྷག་ཙམ་ཐེངས་འདིའི་སློབ་སྦྱོང་ཚོགས་འདུར་ཞུགས་ཡོད་པ་དང་།ཞང་ཏང་ཨུ་ཧྲུའུ་ཅི་ཀླུ་རྒྱལ་ཚེ་རིང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག《དམར་དམག་རྒྱང་སྐྱོད་པད་མར་ཡོད》དང《ཞི་ཅིན་ཕིང་གི་ལོ་བདུན་གྱི་གཞོན་ནུ་ཤེས་ཡོན་ཅན》དང་པད་མ་ཉམས་མྱོང་སློབ་སྦྱོང་གི་དཔྱད་གཞིའི་ཡིག་རིགས་སོགས་གཅིག་སྡུད་ཐོག་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གཅིག་སྡུད་སློབ་སྦྱོང་དང་།སྤེལ་རེས་གྲོས་མོལ།མི་སྒེར་གྱི་རང་སྦྱོང་བཅས་ཀྱི་བྱེད་ཐབས་སྤྱད་དེ་སེམས་རྣལ་དུ་ཕབ་ནས་སློབ་སྦྱོང་ནན་ཏན་བྱས་ཏེ།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། ཚོགས་འདུའི་ཐོག་པད་མ་ནི་དམར་དམག་རྒྱང་སྐྱོད་མཚོ་སྔོན་དུ་བརྒྱུད་མྱོང་བའི་ས་ཆ་གཅིག་པུ་དེ་ཡིན་པས།གསར་བརྗེའི་ཐོན་ཁུངས་ཟབ་མོ་ལྡན་ཡོད་པ་རེད།རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གསར་བརྗེ་པ་རྒན་རབས་ཚོས་རྒྱལ་ཁ་ལེན་ཕོད་པ་དང་།དཔུང་གཤགས་བྱེད་ཕོད་པ།རང་སྲོག་བློས་གཏོང་ཕོད་པའི་བློ་བརྟན་རང་བཞིན་གྱི་སྙིང་སྟོབས་དང་སྤྱིར་བཏང་མིན་པའི་ལོ་ཟླ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ།རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཐོག་མའི་བསམ་འདུན་དང་འགན་འཁྲི་འཁུར་རྒྱུའི་སློབ་གསོ་རྒྱག་པ་དང་།སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་གསར་བརྗེའི་བརྩེ་སེམས་མཐའ་འཁྱོངས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཞང་ཡོངས་ཀྱི་ལས་བྱེད་པས་བསམ་གཞིག་ཟབ་མོ་དང་ཞིབ་འཇུག་གཏིང་ཟབ་བྱས་ནས《ཞི་ཅིན་ཕིང་གི་ལོ་བདུན་རིང་གི་གཞོན་ནུ་ལོ་ཆུང་གི་ལོ་ཟླ》ཞེས་པའི་ནང་དོན་ཟབ་མོ་དང་སྙིང་བཅུད་ཀྱི་དོན་སྙིང་ཁོང་དུ་ཆུད་པ་བྱས་ཏེ་དེབ་དེའི་ནང་གསོན་ཉམས་དོད་པའི་གསལ་འགྲེལ་བྱས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་དགོངས་པ་དང་གཞོན་ནུ་ཞི་ཅིན་ཕིང་གི་འཚར་ལོངས་ལམ་བུའི་ཐོག་མངོན་པའི་བརྗིད་ཆེའི་སྟོབས་ཤུགས་ལ་གོ་བ་གཏིང་ཟབ་ལེན་པ་དང་།དེབ་དེའི་ནང་ཚན་རིག་དང་མཐུན་པའི་བརྟག་ཐབས་སྨྲ་བར་གོ་བ་གཏིང་ཟབ་ལེན་དགོས། ཞང་ཡོངས་ཀྱིས“མང་ཚོགས་ཀྱི་ལས་དོན་ཁྱོན་ཡོངས་ལ་ཁྱབ་པ་དང་།དཔལ་འབྱོར་འཕེལ་རྒྱས་ཀྱི་མཆོང་སྐྱོད་གསར་པ”བཅས་དམིགས་ཚད་དུ་བྱས་ནས“པད་མའི་ཉམས་མྱོང”གི་རིམ་སྤར་ལ་རྒྱུན་ཆད་མེད་པར་ཟབ་སྤེལ་དང་།གཙང་པོ་བཅོས་སྐྱོང་གི་ཁྱད་ལྡན་ལམ་བུ་གསར་པར་བསྐྱོད་དེ་སྨར་ཁོག་ཡུལ་ཚོའི་སྤྱི་ཚོགས་དཔལ་འབྱོར་དང་བརྟན་ལྷིང་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་རྩོམ་དགོས་པར་བཤད།

本内容不代表本网观点和政治立场,如有侵犯你的权益请联系我们处理。
网友评论
网友评论仅供其表达个人看法,并不表明网站立场。